药最网
首页

ཀྲུང་གོ་ནང་ཁུལ་ནས་ཁ་པར་བཤད་གླ་རིན་མེད་གཏོང་རྩིས་འདུག在国内可以免费打电话啦

ཀྲུང་གོ་ནང་ཁུལ་ནས་ཁ་པར་བཤད་གླ་རིན་མེད་གཏོང་རྩིས་འདུག


 

        ལོ་ངོ23རིང་ལ་སྤྲད་པའི་ཁ་པར་གྱི་འགྲུལ་བཞུད་རིན་པ་དེ་ད་ལོ་བཟུང་ནས་བསྡུ་མཚམས་འཇོག་རྒྱུ་རེད།ཉེ་ལམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆིང་གིས་སྲིད་གཞུང་བྱ་བའི་སྙན་ཞུ་འབུལ་སྐབས་ཁ་པར་ལས་རྒྱལ་ནང་ཐག་རིང་གི་ཁ་པར་ཕར་གཏོང་ཚུར་ལེན་དང་འགྲུལ་བཞུད་གཉིས་ཀྱི་རིན་པ་གཉིས་མེད་པར་གཏང་རྒྱུ་ཞེས་གསལ་བོར་བསྟན།ཁ་སང་ཀྲུང་གོ་དབྱི་ཏུང་དང་། ཀྲུང་གོ་ལིན་ཐུང་། ཀྲུང་གོ་གློག་འཕྲིན་གསུམ་གྱིས་ད་ལོའི་ཟླ10བའི་ཚེས 1ཉིན་ལ་རྒྱལ་ཡོངས་སུ་གྲོན་དངུལ་འདི་གཉིས་བསྡུ་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས།དེར་མི་མང་པོ་ཞིག་གིས་ཡ་མཚན་པོའི་སྒོ་ནས་སྔ་མོ་ནས་མཚམས་བཞག་ན་དགའ་བ་ལས་ཟླ་བ་བཅུ་བའི་ཚེས་གཅིག་བར་ལ་སྒུག་དགོས་པ་ཅི་ཡིན་ཞེས་དོགས་འདྲི་བྱས་བྱུང་།དེར་ཀྲུང་གོ་དབྱི་ཏུང་ཀུང་སིས་ཀོང་ཀྲོའུ་ཉིན་རེའི་ཚགས་པར་ལ་དེ་སྐོར་ནས་ལན་སྤྲད་དོན།ལོ་དུ་མའི་རིང་ལ་ཁ་པར་སྡེབས་གྲོན་གྱི་བསགས་འབོར་ཉར་བ་ཧ་ཅང་མང་སྟབས། སྦྲག་གྲོན་ལ་སྙོམ་སྒྲིག་བྱེད་དུས་སྡེབས་གྲོན་རེ་རེར་སྒྲིག་སྲོལ་ངེས་ཅན་རེ་བཟོ་དགོས་པས་ལས་ཀ་ཧ་ཅང་ལྕི།གཞན་རིན་རྩིས་སྒྲིག་སྲོལ་བསྒྱུར་བ་ལ་དེའི་མ་ལག་གསར་སྤེལ་དང་སྒྲིག་བཟོ། བཀོད་སྒྲིག་སོགས་བྱེད་དགོས་པས།མ་ལག་སྙོམ་སྒྲིག་གི་སྟ་གོན་དང་ལས་སྒོའི་ཚོད་ལྟ་སོགས་ལས་ཀ་མང་པོ་ཚགས་དགོས་པ་རེད། དེ་མ་ཟད་ཞབས་ཞུ་ལས་ཀར་བཀོད་སྒྲིག་དང་།ཞབས་ཞུ་ཁ་པར10086དང་དབྱི་ཏུང་ལས་གཉེར་ཁང་སོགས་ཀྱི་ཞབས་ཞུ་བར་ཟབ་སྦྱོང་སོགས་བྱེད་དགོས་པས།ཐོག་མའི་དཔྱད་འཇོག་དང་། ཇུས་གཞི་གཏན་འབེབས། ལས་ཀ་བཀོད་སྒྲིག་སོགས་བྱེད་པ་ལ་མ་མཐའ་ཡང་ཟླ་བདུན་ནས་བརྒྱད་དགོས་ཟེར།། 

གཤམ་གྱི་ཐོན་རྫས་འདིར་གནོན་དང་ཁྱེད་ལ་མཁོ་བ་དེ་ཡོད།

                   


相关话题

相关话题

}