药最网
首页

ཐུམ་འབུའི་ནད་ཀྱི་བདེ་ཐང་ཁྱབ་བསྒྲགས། 包虫病健康教育

༡ ཐུམ་འབུའི་ནད་ཀྱི་མཚན་ཉིད་ཅེས་པ་དེ་གང་ཡིན།  

包虫病的定义是什么?

     ཐུམ་འབུའི་ནད་ནི་ཐུམ་གཟུགས་རང་བཞིན་གྱི་འཁྲི་འརྗ་ལས་འབྱུང་བའི་འཁྲི་འརྗའི་ནད་ཅིག་ཡིན། ནད་ཀྱི་འབྱུང་རྩ་ནི་སྲིན་འརྗ་ཧ་ཅང་ཆུང་ངུ་ཞིག་སྟེ་(རིང་ཚད་སྟོང་ཆའི་སྨི་༢_༧དང་ཞེང་ཚད་སྟོང་ཆའི་སྨི་༡ཙམ་ཡོད)མིང་ལ་ཕྲ་རིལ་ཚེར་ལྒང་སྲིན་འརྗ་ཟེར། མི་དང་སྒོ་ཕྱུགས་གིས་ཐོག་མར་ཕྲ་རིལ་ཚེར་ལྒང་སྲིན་འརྗའི་འརྗ་སྒོང་ཟོས་ནས། འརྗ་སྒོང་དེ་ཉིད་དབང་པོ་མི་འདྲ་བའི་ནང་དུ་སྐྱེ་འཕེལ་བྱུང་ནས་ཤ་སྐྲན་ཐུམ་གཟུགས་ལ་གྱུར་ཏེ་ཐུམ་འབུའ་ནད་ཕོགས་པ་རེད། 

    包虫病是由一种囊性的寄生虫引起的寄生虫病,病原体是一种很小的绦虫(长2-7毫米,宽1毫米),叫细粒棘球绦虫。人和家畜最初吃了细粒棘球绦虫的虫卵,虫卵在不同的器官里发育为包囊,而生成包虫病


༢ ཐུམ་འབུའི་ནད་ལ་ནད་ཐོག་མངོན་ཚུལ་གང་དག་ཡོད།  

包虫病有何表现?

       ལུས་པོའི་དབང་པོ་མི་འདྲ་བར་གནས་པའིཐུམ་འབུའི་ནད་ལ་མངོན་ཚུལ་ཡང་མི་འདྲ་སྟེ། མཆིན་པའི་ཐུམ་འབུའི་ནད་ལ། ཐོག་མར་མངོན་གསལ་ཆེ་བའི་ནད་རྟགས་མེད་ལ། ཤ་སྐྲན་ཇེ་ཆེར་འགྲོ་བ་དང་བསྟུན་ནས་གསུས་ཁོག་གཟེར་བ་དང་། གསུས་ཁོག་གི་སྐྲངས་རྗར་རེག་ཐུབ་པ་སོགས་ཀྱི་ནད་རྟགས་ཡོད། ཤ་སྐྲན་དེས་འཁྲིས་ལམ་གནོན་པའམ་འཁྲིས་ལམ་ནང་དུ་ཟུགས་པས་ཚ་བ་རྒྱས་པ་དང་གསུས་ཁོག་གཟེར་བ། ཤ་པགས་དང་མིག་མདོག་སེར་པོར་གྱུར་པ་སོགས་འབྱུང་། མཆིན་པའི་ཤ་སྐྲན་གཉན་ཚད་རྒྱས་པ་ནི་མཆིན་པར་རྣག་ཁུག་པ་དང་མཚུངས་ཏེ་ཚ་བ་རྒྱས་པ་དང་གསུས་ཁོག་གཟེར་པ་བཅས་འབྱུང་སྲིད།  མཆིན་པའི་ཐུམ་འབུའི་ཤ་སྐྲན་གས་ནས་ནང་གི་གཤེར་ཁུ་མང་པོ་གསུས་ཁོག་དང་བྲང་ཁོག་སོགས་སུ་ཐོར་བས་ཤ་པགས་ལ་ཟྭ་འབྲུམ་སྐྱེ་བ་དང་ཐ་ན་མི་འཕྲོད་པའི་རང་བཞིན་གྱི་དྲན་མེད་དུ་བརྒྱལ་བའི་མངོན་ཚུལ་ཡང་འབྱུང་། གློ་བའི་ཐུམ་འབུའི་ཇེ་ཆེར་འགྲོ་བས་བྲང་ཁོག་གཟེར་བ་དང་། ལུ་བ། ཁྲག་སྐྱུག་པ་དང་། ཆུ་འདྲ་བའི་ཤ་སྐྲན་གྱི་གཤེར་ཁུ་དང་ཕིང་ལེབ་དབྱིབས་ཀྱི་ཐུམ་འབུའི་ཤ་པགས་སོགས་སྐྱུག་པའི་ནད་རྟགས་ཡོད། ཀླད་པའི་ཐུམ་འབུའི་ནད་ནི། དངོས་བཅོས་སུ་མཐོང་ཧ་ཅང་ཉུང་ཞིང་། དུས་རྒྱུན་དུ་མགོ་ན་བ་དང་སྐྱུག་པ་སོགས་ཀྱི་མངོན་ཚུལ་བྱུང་།  

          发生在不同部位的包虫病,表现也不同。肝包虫病,早期无明显症状,随着囊肿的增大可出现腹痛、摸到腹包块等症状。囊肿可压迫胆道或破入胆道可以出现发热、腹痛、皮肤及眼睛黄染等。肝包囊感染是酷似肝脓肿可以出现发热、腹痛。肝包虫囊破裂可使大量囊液逸入腹腔或胸腔出现皮肤荨麻疹甚至出现过敏性休克表现。肺包虫囊增大可引起胸痛、咳嗽、咯血,咳出水样囊液和粉皮状包虫囊皮等症状。脑包虫病,临床上较少见,常有头痛、呕吐等表现。

 


 甘孜健康教育 





相关话题

相关话题

}