药最网
首页

【健康教育】包虫病防治知识要点


健康教育知识点

知识点一

   狗等食肉动物是怎样成为传染源的 ?

    包虫病是一种传染病,狗等食肉动物是本病的传染源。由于狗等食肉动物吃了牛、羊等草食动物体内含有包虫囊肿的内脏组织后,包虫囊的原头节在十二指肠上段内发生外翻,附着在肠壁上,经过45天左右就会长出成千上万的性成熟的棘球绦虫,进而排出棘球绦虫卵,发挥其他传染源的作用。

 ཁྱི་སོགས་ཤ་ཟན་སྲོག་ཆགས་རྣམས་ཅི་འདྲ་བྱས་ནས་ཐུམ་འབུའི་ནད་འགོས་ཁུངས་སུ་འགྱུར་བ་རེད། 

   ཐུམ་འབུའི་ནད་ནི་འགོ་བའི་རིགས་ཀྱི་ནད་རིགས་ཞིག་ཡིན་ཏེ། ཁྱི་སོགས་ཤ་ཟན་སྲོག་ཆགས་རྣམས་ནད་གཞི་དེ་ཉིད་ཀྱི་འགོས་ཁུངས་ཡིན།  ཁྱི་སོགས་ཤ་ཟན་སྲོག་ཆགས་ཀྱིས་ཟོག་དང་ར་ལུག་སོགས་ཀྱི་རྩྭ་ཟན་སྲོག་ཆགས་ཀྱི་ལུས་པོའི་ནང་དུ་ཐུམ་འབུའི་ཤ་སྐྲན་ཡོད་པའི་ནང་ཁྲོལ་གྱི་ཕུང་གྲུབ་བཟས་རྗེས། ཐུམ་འབུའི་ཤ་སྐྲན་གྱི་འབྱུང་རྩ་དེ་རྒྱུ་སོར་བཅུ་གཉིས་ཀྱི་ཐོག་ནས་ཕྱིར་ལོག་ནས་རྒྱུ་ངོས་སུ་འབྱར་ནས། ཉིན་ ༤༥ ཙམ་འགོར་རྗེས་འཁྲིག་སྤྱོད་བྱེད་ནུས་སྨིན་པའི་ཚེར་ལྒང་སྲིན་འབུ་ཁྲི་སྟོང་མང་པོའི་སྐྱེ་བ་དང་། དེར་བསྟུན་ཚེར་ལྒང་སྲིན་འབུའི་འབུ་སྒོང་ཕྱིར་བཏང་ནས། འགོས་ཁུངས་གཞན་དག་གི་ནུས་པ་འདོན་སྤེལ་བྱེད་པར་རེད།



知识点二

    人和牛、羊等食草动物是如何感染上包虫病的?

    人和牛羊等草食动物都对包虫易感染,只要生活在包虫病流行区尤其是高发流行区内,时刻都有误食棘球绦虫卵而被感染上包虫病的可能。棘球绦虫的成虫寄生在狗和狼、狐狸等食肉动物的小肠里 ,会不断地随着动物粪便排出大量虫卵,散布到周围环境中。牛羊等草食动物很容易在吃草时食入被虫卵污染的草或在喝水时饮入被虫卵污染的而被感染患病。人则由于饮用了被虫卵污染的水源和食物,或者通过玩狗、捕杀野生动物等方式污染了虫卵的手而被感染患病。

   མི་དང་ཟོག་ར་ལུག་སོགས་རྩྭ་ཟན་སྲོག་ཆགས་ལ་ཅི་འདྲ་བྱས་ནས་ཐུམ་འབུའི་ནད་འགོས་པ་རེད། 

   མི་དང་ནོར་ལུག་སོགས་རྩྭ་ཟན་སྲོག་ཆགས་ཚང་མར་ཐུམ་འབུ་ནད་ཧ་ཅང་འགོ་སླ་སྟེ། ཐུམ་འབུའི་ནད་མཆེད་པའི་ས་ཁུལ་དང་ཁྱད་པར་དུ་དར་ཁྱབ་ཆེ་བའི་ས་ཁུལ་དུ་འཚོ་གནས་བྱེད་བཞིན་ཡོད་ན།  དུས་ཀུན་ཏུ་ཚེར་ལྒང་སྲིན་འབུའ་འབུ་སྒོང་ཟ་ནོར་ཤོར་ནས་ཐུམ་འབུའ་ནད་འགོ་སྲིད། ཚེར་ལྒང་སྲིན་འབུའི་སྲིན་འབུ་ཁྱི་དང་སྤྱང་ཀི་དང་། ལྦ་སོགས་ཤ་ཟན་སྲོག་ཆགས་ཀྱི་རྒྱུ་ནག་ཏུ་འཁྲི་སྐྱེ་བྱུང་ཞིང་།  རྒྱུན་མི་ཆད་ནས་སྲོག་ཆགས་ཀྱི་སྐྱག་ལུད་དང་མཉམ་དུ་འབུ་སྒོང་མང་པོ་ཕྱིར་གཏོང་བ་དང་། ཉེ་འགྲམ་གྱི་ཁོར་ཡུག་ཏུ་གྲམ་པར་རེད། ནོར་ལུག་སོགས་རྩྭ་ཟན་སྲོག་ཆགས་ཀྱིས་རྩྭ་ཟ་བའི་དུས་སུ་འབུ་སྒོང་གིས་འབགས་བསླད་བཏང་བའི་རྩྭ་ཟ་བའམ་ཆུ་འཐུང་བའི་སྐབས་སུ་འབུ་སྒོང་གིས་འབགས་བསླད་བཏང་བའི་ཆུ་འཐུང་བས་དེ་ནས་ཐུམ་འབུའི་ནད་འགོས་བ་དང་།  མིས་འབུ་སྒོང་གིས་འབགས་བསླད་བཏང་བའི་ཆུ་འགོ་དང་བཟའ་བཅའ་བཏུང་སྤྱོད་བྱེད་པའམ། ཁྱི་དང་རྩེ་བ་དང་། རི་སྐྱེས་སྲོག་ཆགས་བཟུང་གསོད་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་འབུ་སྒོང་གིས་འབགས་བསླད་བཏང་བའི་ལག་པ་ལས་ཐུམ་འབུ་ནད་འགོས་པ་རེད། 



相关话题

相关话题

}